འོད་ལ་བརྒྱུས་པའི་སྨོན་འདུན། 光芒的祝福 作词:周拉加 作曲:巴金旺甲 演唱:巴金旺甲 དགུང་ཉི་མའི་ངོས་ལ་སྨོན་འདུན་ཞིག་བཅོལ་ནས། 把祝福寄托给太阳 འོད་སེར་པོ་འཛིན་མའི་གཙུག་རྒྱན་དུ་འཕྲོས་པས། 黄色光芒照在掌上 གངས་དཀར་པོའི་ཆབ་རྒྱུན་བདུད་རྩི་རུ་བབས་པ། 白雪似甘露 བུ་ང་རང་སྐྱོང་བའི་ནུ་ཞོ་དེ་ཡིན་སོང་། 是养育我的甘露 འགྲོ་སེམས་ཅན་སྐོམ་པའི་ཐང་ཆེན་གྱི་དབུས་ལ། 行人饥渴的操场 ཆབ་བདུད་རྩིའི་ཕབས་རྒྱུན་ལྷུང་ལྷུང་དུ་བབས་དུས། 当甘露的酵母流下来的时候 ཡིད་དགའ་བའི་སྙན་གླུ་མགྲིན་ངག་ལ་གྱེར་ནས། 唱着动人的歌 དོན་བདེན་པའི་སྨོན་འདུན་སྙིང་ཁོང་ནས་ཞུས་ཡོད། 衷心祝福 ཨེ་མ་ཧོ།སེམས་ཀྱི་སྨོན་འདུན་ཞུས་ཡོད། 哎玛、心里的祝福 སྨོན་འདུན་འོད་ལ་བརྒྱུས་ཡོད། 衷心的祝福 ཁྱབ་བདག་རྫོགས་ཆེན་བླ་མ། 白玛格桑 འོད་ཟེར་གླིང་ལ་ཁྱབ་ཡོད། 遍布光明   དུང་ཟླ་བའི་ངོས་ལ་སྨོན་འདུན་ཞིག་བྲིས་ནས། 给月亮写下祝福 འོད་དཀར་པོ་གངས་རིའི་བཀྲག་མདངས་དང་འདྲེས་པས། 洁白的光芒与雪山的光辉 སྨག་མུན་པའི་མདུད་པ་གཟུགས་མེད་དུ་བཀྲོལ་བ། 无形地解开黑暗的结 བུ་ང་ཡིས་བརྟེན་སའི་འོད་སྣང་དེ་ཡིན་སོང་། 是我赖以生存的光明 འགྲོ་སེམས་ཅན་རྨོངས་པའི་མུན་ནག་གི་ཀློང་ལ། 愚昧的黑暗深处 འོད་དཀར་པོའི་ཟེར་མ་ལམ་ལམ་དུ་འཕྲོས་དུས། 白光一闪一闪 ཡིད་སྤྲོ་བའི་དགའ་བྲོ་འཕྱོར་སྒེག་གིས་འཁྲབ་ནས། 跳着欢快的舞蹈 བཀྲ་ཤིས་པའི་སྨོན་འདུན་སྙིང་ཁོང་ནས་ཞུས་ཡོད། 衷心祝愿 ཨེ་མ་ཧོ།སེམས་ཀྱི་སྨོན་འདུན་ཞུས་ཡོད། 哎玛、心里的祝福 སྨོན་འདུན་འོད་ལ་བརྒྱུས་ཡོད། 衷心的祝福 ཁྱབ་བདག་རྫོགས་ཆེན་བླ་མ། 白玛格桑 འོད་ཟེར་གླིང་ལ་ཁྱབ་ཡོད། 遍布光明